Tip:
Highlight text to annotate it
X
སྙན་ཞུ་འགོ་མ་བཟུང་བའི་སྔོན་དུ་
ཐོག་མར་བྱ་འགུལ་འདིའི་
སྒྲིག་འཛུགས་པ་ལ་བཀའ་དྲིན་ཞུ་གི་ཡིན།
རང་ཉིད་བྱ་འགུལ་འདིར་གདན་དྲངས་ཤིང་
མཉམ་དུ་གྲོས་བསྡུར་བྱེད་པའི་སྐལ་བ་ཐོབ་པ་ལ་
དགའ་མགུ་དང་གཟི་བརྗིད་དུ་རློམ་ཡོད།
རང་གི་ལྟ་ཚུལ་ལ་ང་ཚོའི་གྲོས་བསྡུར་ཀྱི་གནད་དོན་ནི་
རིག་གནས་ཀྱི་ཕྱོགས་ནས་ཉམས་ལྡན་ཞིག་ཡིན་པ་མ་ཟད་
སྤྱི་ཚོགས་དང་ཆབ་སྲིད་ཕྱོགས་ནས་ཀྱང་ཧ་ཅང་གལ་ཆེན་པོ་རེད་འདོད།
ཉིན་འདི་གའི་རིང་ལ་གཙོ་གནད་དུ་གྱུར་པའི་སྐད་ཡིག་ཚན་ཁག་མ་ཟད་
ང་ཚོ་ཚང་མ་ལ་མཚོན་ནའང་དེ་ལྟར་གལ་ཆེན་པོ་རེད།
འདི་ནི་མི་རྣམས་སྐད་ཡིག་གང་དང་སྦྲེལ་ཡོད་མེད་དང་
ཡང་ན་རང་ཉིད་སྐད་ཡིག་གང་འདྲ་ཞིག་གི་ཁུངས་སུ་
གཏོགས་མིན་དང་འབྲེལ་བ་མེད།
དེའི་རྐྱེན་པས་ང་ཚོས་གནས་འདི་ནས་། གྲོས་བསྡུར་བྱེད་བཞིན་པ་དག་ནི་
ཤིན་ཏུ་ནས་ཀྱང་གལ་ཆེན་པོ་རེད་འདོད
ཉིན་འདི་གའི་གཙོ་གནད་དུ་གྱུར་པ་ནི་
བོད་ཀྱི་སྐད་ཡིག་དང་རིག་གནས་རེད་མོད་
ང་སྒེར་ལ་མཚོན་ན་དེ་ཕྱོགས་ཀྱི་ཆེད་ལས་ཤེས་བྱ་མེད།
དུས་སྔོན་ཆད་ཅིག་སྟེ་གསལ་བོ་བཤད་ན་
ལོ་ངོ་སུམ་ཅུའི་ཡར་སྔོན་གྱི་སྤྱི་ལོ་༡༩༧༩ལོར་
ང་རང་བཟང་དཀར་དུ་སོང་། བོད་ཀྱི་སྐད་ཡིག་དང་
རིག་གནས་ལ་རྒྱུས་ལོན་རགས་ཙམ་བྱ་མྱོང་།
ལོ་ཁམས་དེ་ནི་ཕྱི་རྒྱལ་གྱི་ཡུལ་བསྐོར་བ་རྣམས་
བོད་ཡུལ་དུ་འོང་བར་སྒོ་ཕྱེས་པའི་ཐོག་མ་ཡིན།
བདག་ལ་མཚོན་ན་སྐབས་ཐོག་དེའི་བརྒྱུད་རིམ་དང་
ཉམས་མྱོང་ནི་དོན་སྙིང་ལྡན་པ་ཞིག་ཡིན་ནའང་དེ་ལས་
ང་ལ་འབྲེལ་ཡོད་ཀྱི་ཆེད་ལས་ཤེས་བྱ་སོགས་ཐོབ་ཡོད་ཅེས་སྨྲ་མི་སྤོབས།
དེའི་ཕྱིར་བདག་གིས་ཁྱེད་ཚོ་ལ་
བྱས་རྗེས་ཆེན་པོ་འཇོག་པའི་རེ་བ་མེད་ཅིང་
འདིར་འདུས་ཀྱི་མི་མང་ཁྲོད་ང་ལས་
ལྷག་པར་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་ཤེས་བྱ་
སྣ་མང་ཐུགས་སུ་ཆུད་མཁན་མང་པོ་ཡོད་ངེས།
འོན་ཀྱང་ངས་ཁྱེད་ཚོ་དང་མཉམ་སྤྱོད་བྱེད་རྩིས་ཡོད་པ་དེ་ནི་ཅུང་ཙམ་མི་འདྲ་ས་ཡོད།
བདག་གིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་སྣ་མང་རང་བཞིན།
དེའི་ནང་གི་ཕྱོགས་སྣེ་འགའ་ལ་བཟུང་བའི་ལྟ་སྟངས་ནི་
ཅུང་ཟད་རྒྱུན་ལྡན་མིན། བསྡུས་ཏེ་བཤད་ན་
ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོ་དེ་ཡིན།
བདག་གིས་དཔལ་འབྱོར་རིག་པའི་ངོས་ཐད་ནས་འདི་དག་གསལ་བཤད་བྱེད་ངེས།
Eveline Yang ལགས་ཀྱིས་ཚད་ལས་བརྒལ་བའི་ངོ་སྤྲོད་བགྱིས་པའི་ནང་
གླེང་ཟིན་པ་ལྟར་ངའི་སྦྱང་བྱ་ནི་དཔལ་འབྱོར་རིག་པ་ཡིན།
འོན་ཀྱང་ངའི་ཞིབ་འཇུག་གི་ཁ་ཕྱོགས་གཙོ་བོ་ནི་
སྐད་ཡིག་དཔལ་འབྱོར་རིག་པ་དང་སློབ་གསོའི་དཔལ་འབྱོར་རིག་པ།
ད་དུང་ཁོར་ཡུག་དེ་ནས་སྤྱི་པའི་སྲིད་ཇུས་ལ་དཔྱད་པ་དང་
གདེང་འཇོག་བྱེད་པ་དེ་རེད།
གཤམ་གྱི་སྐར་མ་བཞི་བཅུའི་ནང་ངས་
ཁྱོད་ཚོ་ལ་ཞིབ་འཇུག་གི་ཁོངས་གཏོགས་འདིའི་
ནང་དོན་ཉུང་ཙམ་ངོ་སྤྲོད་པ་དང་།
ཞིབ་འཇུག་འདི་ཡིས་སྐད་ཡིག་གི་སྣ་མང་རང་བཞིན་དང་
ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོ་ལ་
ཇི་ལྟར་རྒྱབ་སྐྱོར་བྱེད་ལུགས་ཡོད་པ་
འགྲེལ་བཤད་བྱེད་རྒྱུ་ཡིན།
བདག་གིས་འཆར་བཀོད་ནང་ལྟར་གྱི་
སྐར་མ་ཞེ་ལྔ་ཡོངས་སུ་མི་སྤྱོད་པར་
ང་ཚོ་ལ་གྲོས་བསྡུར་དང་གནད་འདྲི་བྱེད་པའི་
ཁོམ་ལོང་ཉུང་ཙམ་ཨེ་འཐོབ་ཀྱི་འབད་པ་བྱེད།
ངས་བཤད་འདོད་པ་མང་བོ་ཞིག་
ཁྱེད་རྣམས་ལ་གསལ་ཆ་མེད་ཚོད་ཡིན་པས་
དཀྱེལ་ཡངས་ངང་དོགས་འདྲི་བྱེད་པ་གལ་ཆེ།
ཞོར་དུ་གླེང་བ་ལ་ངས་བཤད་བཞིན་པའི་སྐབས་སུ་
བརྗོད་པ་མི་གསལ་བ་རེ་བྱུང་ན་ཐད་ཀར་ང་ལ་འདྲི་ཆོག
ང་ཚོ་མི་མང་པོ་མེད་པས་ཚང་མས་
ཅི་བམས་གང་འདོད་བྱེད་ན་འོས་ཤིང་འཚམ་པ་རེད།
དེ་ལྟར། སྙན་ཞུ་མཇུག་རྫོགས་སྐབས་
ཁྱོད་ཚོའི་དྲི་བ་གང་ལའང་
ལན་གདབ་ཀྱི་སྐལ་བ་ལྡན་པར་ང་རང་སྤྲོ་སེམས་རྒྱས་ཡོད།
འོ་ན་དེ་རིང་མཚམས་གང་ནས་གླེང་སློང་བྱེད་རྒྱུ་ཡིན་ནམ་ཟེར་ན།
གནད་འགག་ནི༸ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོ་དེ་
དཔལ་འབྱོར་རིག་པའི་ངོས་ཐད་ནས་འཕྱུག་ཡོད་དམ།
དེ་ལ་རིན་ཐང་ཡོད་དམ། ༸
བདག་གིས་མིང་ཚིག་དེ་གཉིས་ཡིག་གཟུགས་དམར་པོར་བཏང་བ་ནི་
དེ་གཉིས་བེད་སྤྱོད་ཐལ་དྲགས་པས་ཡིན།
སྒོམ་དགོས་པ་ཡིན་ནམ་ཞེས་པ་དེ་རེད །
དོན་དུ་དེ་དག་དཔལ་འབྱོར་རིག་པའི་དབྱེ་ཞིབ་ཁྲོད་དུ་ཁྱད་པར་གྱི་
དོན་སྙིང་ལྡན་པས་ང་ཚོས་ཞིབ་ཏུ་གྲོས་བསྡུར་བྱེད་འོས།
གསལ་བོར་བཤད་ན་ང་ཚོས་གླེང་གིན་པ་དེ་རིན་ཐང་ག་འདྲ་ཞིག་རེད།
ང་ཚོས་གླེང་གིན་པའི་རིན་ཐང་དེའི་ཡང་སྙིང་ཅི་ཞིག་ཡིན།
བྱ་དངོས་རེ་གཉིས་ལ་དཔལ་འབྱོར་རིག་པའི་ནང་དོན་ལྟར་གྱི་
རིན་ཐང་ཡོད་མེད་ནི་ང་ཚོས་ཇི་ལྟར་གསལ་ཁ་འབྱེད།
རིན་ཐང་ཡོད་པ་ངོས་འཛིན་ཐོབ་རྗེས་ང་ཚོས་
རང་གིས་རང་ལ་༸རིན་ཐང་ག་ཚོད་ལྡན༸ཞེས་དྲི་བ་བྱེད་ཆོག
དེའི་རྐྱེན་གྱིས་ང་ཚོ་མཚན་ཉིད་རྩོད་འབྱེད་ནས་
ཚད་འཇལ་དང་གྲངས་འགྱུར་གྱི་གོ་རིམ་དུ་ཐོན་པ་རེད།
དེ་བཞིན་དེ་ནི་སྲིད་ཇུས་དང་སྦྲེལ་བ་མ་ཟད་
སྲིད་ཇུས་ཀྱི་ཐད་ནས་གལ་འགངས་ཆེ་བའི་གནད་དོན་ཞིག་ཀྱང་རེད།
འོ་ན༸ཁྱོན་ནས་བལྟས་ཚེ་ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོ་ནི་
ཚད་རིམ་ག་འདྲ་ཞིག་གི་སྟེང་ནས་སྐད་ཡིག་གི་སྣ་མང་
རང་བཞིན་གྱི་རིན་ཐང་དང་འབྲེལ་ཡོད༸ཅེས་པ་དེ་རེད།
འདི་རྣམས་གནད་དོན་ཆེན་པོ་ཡིན་པས་ང་ཚོས་
སྔར་ལུགས་ལྟར་ངོས་འཛིན་དང་གཏན་འཁེལ་བྱེད་དགོས་ཤིང་
དེ་ལས་འགོ་རྩོམ་དགོས་པ་རེད།
དེས་ན་ངས་འོད་པར་གཉིས་ལ་བརྟེན་ནས་
བཤད་འདོད་པ་ཡིན་མོད་
ཡིག་གཟུགས་ཅུང་ཆུང་བས་
ཚང་མས་མཐོང་ཐུབ་པར་སྨོན།
ཐོག་མའི་གསལ་བཤད་དུ་ངས་
ཚད་གཞི་ལྟར་བྱེད་རྩིས་མེད།
ཚད་གཞི་ལྟར་མི་བྱེད་ནའང་
སློབ་གསོའི་ཕྱོགས་ཀྱི་ལྟ་ཚུལ་བེད་སྤྱད་དེ་
ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོར་
རྒྱབ་སྐྱོར་བྱེད་རྩིས་ཡོད།
སློབ་གསོའི་ཕྱོགས་ཀྱི་ལྟ་ཚུལ་འདི་དག་གཅིག་སྲིད་ན་
ནོར་མེད་འཕྱུག་མེད་དང་འོས་ཤིང་འཚམ་པ་ཡིན་ངེས།
འོན་ཀྱང་དེ་དག་གིས་དཔལ་འབྱོར་རིག་པའི་གོ་དོན་ལྟར་གྱི་
རིན་ཐང་གི་གནད་དོན་འགྲེལ་མི་ནུས།
འདི་གཉིས་ནི་གཅིག་མཚུངས་ཀྱི་དངོས་པོ་ཞིག་མིན་ལ།
དེ་ནི་བདག་འདིར་གདན་དྲངས་ཏེ་བགྲོ་གླེང་ཆེད་དུ་
སྤེལ་དགོས་པའི་རྒྱུ་མཚན་ཡང་རེད།
ངས་སློབ་གསོའི་ཕྱོགས་གླེང་རྒྱུ་མིན།
རྒྱུ་མཚན་ནི་ང་ཚོའི་ལས་གྲོགས་ནང་དུ་
ང་ལས་མི་མང་པོ་ཞིག་ལ་དེ་ཕྱོགས་ཀྱི་གསལ་ཆ་ཆེན་པོ་ཡོད།
མི་ཆོས་དང་བཅའ་ཁྲིམས་སྐོར་གྱི་སྒྲུབ་བྱེད་ཀྱང་
གླེང་རྒྱུ་མིན། སྒྲུབ་བྱེད་འདི་རྣམས་
སྐད་ཡིག་དང་ཐོབ་ཐང་ལ་སོགས་པའི་
གོ་དོན་ཁྲོད་དུ་འཇོག་ཆོག
མི་ཆོས་ཀྱི་ལྟ་སྟངས་འདི་དག་
ཡང་དག་འཁྲུལ་མེད་དུ་ཡིན་ན་ཡང་
མི་མཐུན་པའི་ལྟ་ཚུལ་འཛིན་མཁན་དག་
ཚུར་འགུག་ཁས་ལེན་གྱི་ནུས་ཤུགས་མེད།
གོ་དོན་ངེས་ཅན་ཞིག་གི་སྟེང་ནས་བཤད་ན་
ངས་ཚོད་བལྟའི་ཚུལ་དུ་བྱེད་འདོད་པ་ནི
༸འདུ་ཤེས་འགྱུར་ཟིན་པའི་མི་དང་མ་ཡིན་པར།
ང་ཚོས་འདུ་ཤེས་འགྱུར་མེད་པའི་མི་རྣམས་དང་ཇི་ལྟར་འབྲེལ་འདྲིས་བྱེད་རྒྱུ་ཡིན། ༸
ཞེས་པ་དེ་ལ། དེ་ལྟར་ན་ང་ཚོའི་ངེས་པར་དུ་འཇུག་ཕྱོགས་
གསར་བ་ཞིག་འཚོལ་དགོས་བྱུང་ཞིང་འཇུག་ཕྱོགས་གསར་བ་དེ་ནི་
སྤྱི་པའི་སྲིད་ཇུས་ཀྱི་སྒྲུབ་བྱེད་ལས་ཐོན་པ་རེད།
སྤྱི་པའི་སྲིད་ཇུས་ཀྱི་ལྟ་ཚུལ་གྱི་ཁྱབ་རྒྱ་ནི་
སྤྱི་ཚོགས་ཀྱིས་རང་ཉིད་དང་རང་ཉིད་ཀྱི་ལས་དབང་ལ་
ཐེ་གཏོགས་བྱེད་པ་དེ་རེད།
ཡིན་ཡང་དེ་རུ་དཔལ་འབྱོར་རིག་པའི་ལྟེ་གནས་ཀྱི་
བརྡ་དོན་སྐོར་མི་ཉུང་བ་ཞིག་བེད་སྤྱད་བྱས་ཡོད་ཅིང་
གཙོ་བོ་ཕྱོགས་གཉིས་ཀྱི་སྟེང་དུ་མངོན་འདུག
གཅིག་ནི་ཐོན་ཁུངས་བགོ་འགྲེམ་སྟེ་ལས་ཆོད་རེད།
Cntd prev
འདིའི་ཕྱོགས་ཀྱི་བཤད་སྟངས་མང་པོ་ཞིག་ཡོད་དེ་
དཔེར་ན་འཇོན་ནུས། མ་རྩའི་ལས་ཆོད་དང་
ལས་ཆོད་ཅེས་པ་རེད།
ངས་གོ་དོན་ཞིབ་རྒྱས་ཤིག་འགྲེལ་མི་ཤེས།
འོན་ཏེ་ངོ་བོའི་སྟེང་ནས་བལྟས་ན།
ཕྱོགས་གཅིག་ནས་ང་ཚོར་ཐོན་ཁུངས་བཀོད་སྒྲིག་དེ་ལས་
ཆོད་དུ་འབོད་པ་དེ་ཡོད་ལ་ཕྱོགས་གཞན་ནས་
ཐོན་ཁུངས་བགོ་འགྲེམ་སྟེ་འདྲ་མཉམ་དུ་འབོད་པ་དེ་ཡང་ཡོད།
ཡིན་ཡང་དཔལ་འབྱོར་རིག་པའི་འདྲ་མཉམ་དང་
མི་ཆོས་དེ་ནི་མཚན་ཉིད་རིག་པའི་གོ་དོན་ལྟར་གྱི་འདྲ་མཉམ་དང་མི་འདྲ་བ་རེད།
Cntd Prev
དེའི་ཕྱིར་ང་ཚོས་ཞིབ་རྒྱས་ཀྱིས་འདི་ཉིད་གྲོས་བསྡུར་བྱེད་དགོས།
ང་རང་གདན་འདྲེན་བྱེད་པའི་འཕྲིན་ཡིག་ཏུ་
དམིགས་བསལ་བསྟན་དོན་ཡོད་པས་
གཏམ་བཤད་ཀྱི་མཇུག་ཏུ་
འདྲ་མཉམ་ཞེས་པ་གླེང་ངེས།
འོན་ཀྱང་དམིགས་པ་གཏད་ཡུལ་གཙོ་བོ་ནི་
ཐོན་ཁུངས་བཀོད་སྒྲིག་སྟེ་
ལས་ཆོད་ཅེས་པ་དེ་ཉིད་ཡིན་ནོ
Cntd prev
དེས་ན་ཅི་ཞིག་ནི་དཔལ་འབྱོར་རིག་པའི་ལས་ཆོད་རེད།
གནད་དོན་འདི་གྲོལ་དགོས་ཚེ་འོད་པར་གཉིས་པ་ལ་
བརྟེན་ནས་ཐག་གཅོད་དགོས་ཅིང་
གོ་རིམ་གཉིས་པོ་ངེས་པར་དུ་སོ་སོར་དབྱེ་དགོས།
སྤྲོ་སྣང་ལྡན་པ་ཞིག་ཏུ་ཞོགས་ཟས་བཟའ་སྐབས་
ང་དང Tove Skuttnabb-kangas གཉིས་ཀྱིས་
དེ་སྐོར་ལབ་གླེང་བྱས་པ་ཡིན།
ང་ཚོས་གོ་དོན་མི་འདྲ་བའི་གོ་རིམ་གཉིས་ཀྱི་ཐད་ནས་
སྐད་ཡིག་དང་རིག་གནས་ཀྱི་
སྣ་མང་རང་བཞིན་གྱི་ལས་ཆོད།ཡང་ན་
འཇོན་ནུས་སམ་མ་རྩའི་ལས་ཆོད་དེ་
གསལ་བཤད་བྱེད་ཐུབ།
གཅིག་ཏུ་མི་ལ་ལས་དེ་ནི་ཐེ་ཚོམ་མེད་པ་
ཞེས་ཟེར་པ་དེ་སྐད་ཡིག་དང་རིག་གནས་སྣ་མང་
རང་བཞིན་ཐེ་ཚོམ་མེད་པ་ཡིན་ན་འོས་འཚམས་ཡིན་ནམ
མངོན་ཆུང་གིས་བཤད་ན་ལྡོག་ཕྱོགས་ཀྱི་བྱ་དངོས་ནི་
གཅིག་གྱུར་གྱི་རང་བཞིན་ཡིན།
འོ་ན་སྣ་མང་རང་བཞིན་ནི་གཅིག་གྱུར་
རང་བཞིན་ལས་བཟང་བ་ཨེ་ཡིན། དཔེར་ན་
འདིར་བཞུགས་ཀྱི་མང་ཆེ་ཤོས་ཀྱིས་ལོས་བཟང་ཞེས་བཤད་ནའང་
གཞན་པ་མང་པོའི་ལན་ནི་མི་བཟང་ཞེས་པ་ཡིན་ངེས།
མི་མང་པོས་དེ་ཕྱོགས་ཀྱི་ལྟ་ཚུལ་ང་ཚོ་དང་
མཉམ་སྤྱོད་བྱེད་འདོད་མེད་ན་ཡང་།
ང་ཚོས་མི་ཚང་མའི་ལྟ་ཚུལ་ཤེས་དགོས།
གལ་སྲིད་སྐད་ཡིག་དང་རིག་གནས་ཀྱི་སྣ་མང་རང་བཞིན་བཟང་བོ་ཡིན་ན།
ང་ཚོས་གོམ་གང་མདུན་སྤོས་ཀྱིས་རང་བཞིན་དེ་
འདྲ་གྲུབ་བྱེད་ཀྱི་སྐད་ཡིག་ལ་ཞིབ་འཇུག་བྱེད་འོས།
སྐད་ཡིག་འདི་དག་ལ་བཟང་ཆ་ཨེ་ཡོད།
གལ་སྲིད་ཡོད་ན་ང་ཚོས་དཔལ་འབྱོར་རིག་པའི་སྟེང་ནས་
དེ་དག་སྲུང་སྐྱོབས་སྐུལ་སྤེལ་བྱེད་པ་རྒྱུ་མཚན་ཡོད་དམ།
མཇུག་འབྲས་ཀྱི་ཚུལ་དུ་གནད་དོན་ཞིག་ཐོན་པ་ནི།
ང་ཚོས་གོ་རིམ་འདིའི་ནང་དུ་
ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོ་ལག་ཆ་ལྟ་བུར་
སྤྱི་ཁོག་གི་ནང་དོན་འདི་དང་མི་འདྲ་བར་
བདག་གིས་གཏན་འབེབ་མི་ཐུབ་པའི་གནད་དོན་དུ་
འབོད་པ་ཞིག་ཀྱང་ཡོད།
དཔལ་འབྱོར་དང་ཆབ་སྲིད་ལ་སོགས་པའི་ 192 00:08:26.130,00:08:27.260 རྒྱུ་ཅི་རིགས་ཀྱི་རྐྱེན་པས་
ང་ཚོས་སྐད་ཡིག་སྣ་མང་རང་བཞིན་ལ་
བཟང་ཆ་ཡོད་པར་ཁས་ལེན་འདོད།
དེས་ན་ང་ཚོས་རང་ལ་དཔལ་འབྱོར་རིག་པའི་
དྲི་བ་མི་འདྲ་བ་ཞིག་འདྲི་ཆོག་སྟེ་
ཇི་ལྟར་བྱས་ན་དེ་ནི་གཞི་རྩ་གཅིག་གི་སྟེང་ནས་
ངོས་ལེན་ཐུབ་པ་དང་ཡང་ན་གཞི་རྩ་ལ་
ཕན་ཁེ་ཡོད་པའི་ངང་ནས་བཟོ་སྐྲུན་ཐུབ་པ་རེད།
དེའི་ཕྱིར་ཁྱོད་ཚོས་མཐོང་ཐུབ་པ་ལྟར་
འདི་ནི་ཁྱད་པར་ཤིན་ཏུ་ཆེ་བའི་གནད་དོན་གཉིས་རེད།
དེ་ལས་གཅིག་ལ་ལན་བཏབས་པས་གཞན་གཅིག་ལ་
རང་བཞིན་གྱིས་ལན་འདེབ་ཐུབ་པའི་ངེས་པ་མེད།
གནད་དོན་དང་པོ་དེ་ཚད་ངེད་ཅན་ཞིག་ནས་བཤད་ན་
ཁྱབ་རྒྱ་ཆེ་ལ་གཏིང་ཟབ་ཅིང་གནད་དུ་འཁེལ་བ་རེད།
གནད་དོན་གཞན་གཅིག་པོར་ལན་འདེབ་ཆེད་
འབྲེལ་བའི་ཟམ་པ་འཛུགས་དགོས་ནའང་
དམིགས་པ་གཏན་ཡུལ་གཙོ་བོ་ནི་གནད་དོན་དང་པོ་ཡིན།
ངས་བཤད་དོན་དུ་མཇུག་མཐར་
གནད་དོན་གཏན་འཁེལ་གྱི་ཐབས་ཤེས་དེ་
ཕ་སྐད་བརྒྱུད་ལམ་ཅན་གྱི་སློབ་གསོར་
མ་འཇུག་པའི་སྔ་རོལ་དུ་བཤད་རྒྱུ་ཡིན།
ངས་བཤད་འདོད་པ་རྣམས་སྐད་ཡིག་དང་
སྐད་ཡིག་གི་སྣ་མང་རང་བཞིན་ཞེས་པའི་གནད་དོན་
ཧྲིལ་བོའི་ཐོག་ཏུ་འདུ་ཨེ་ཐུབ་བལྟ་རྒྱུ་ཡིན།
ཡང་གཅིག་བཤད་ན་